Adobe Photoshop CC 2018 Adobe InDesign CC 2018 Adobe Illustrator CC 2018 Adobe Animate CC 2018 Adobe AfterEffect CC 2018 Adobe DreamWeaver CC 2018 Adobe Muse CC 2018
Adobe ཚང་གི་མཉེན་ཆས་གསར་ཤོས་ Adobe CC 2018 མཉེན་ཆས་ཆ་ཚང་གསང་ཟ་སྔོན་ཚུད་ནས་གཏོར་ཟིན་པ་ཁག་དགོས་མཁན་རྣམས་ལ་འདི་ནས་རིན་གོང་མཁེ་པོའི་ཐོག་ཕབ་ལེན་དུ་བསྐུར་རྒྱུ་ཡིན་པས། གུས་པར་ཐད་ཀར་འབྲེལ་བ་གནང་རོགས།
མཉེན་ཆས་ཁག
- Adobe Photoshop CC 2018
- Adobe InDesign CC 2018
- Adobe Illustrator CC 2018
- Adobe Animate CC 2018
- Adobe AfterEffect CC 2018
- Adobe DreamWeaver CC 2018
- Adobe Muse CC 2018
མཉེན་ཆས་དེ་དག་ཇི་ལྟར་ཁྱེད་ལ་རགས་ཐུབ།
མཉེན་ཆས་འདི་དག་དང་དེ་མིན་གྱི་མཉེན་ཆས་ཅི་རིགས་རིན་གོང་མཁེ་པོའི་ཐོག་ཉོ་ཐུབ་ལ། རྩོམ་ཡིག་འགའ་ཡིག་སྒྱུར་བྱེད་རོགས་བྱས་ཏེ་རགས་རྒྱུའང་ཡོད། ཇི་ལྟར་བྱེད་དགོས་གཤམ་གསལ།
- སྐར་ཁུང་དང་ཀུ་ཤུའི་ཆེད་དུ་ Adobe CC 2018 ཡོད། མཉེན་ཆས་རེའི་འདྲ་བཤུས་ལ་ Rs. 300 རེ་ལེན་ཏེ་དྲ་ཐོག་ནས་བསྐུར་གྱི་ཡོད།
- འདྲ་བཤུས་མི་དགོས་པར་ཐད་ཀར་གློག་ཀླད་ནང་མཉེན་ཆས་སྒྲིག་འཇུག་བྱེད་དགོས་ན་སྒྲིག་འཇུག་བྱེད་གླ་ Rs. 100 ལེན་གྱི་ཡོད།
- དངུལ་དངོས་ཀྱི་ཚབ་ཏུ་སྐུ་ཉིད་ནས་གློག་ཀླད་སྐོར་གྱི་རྩོམ་རེ་གཉིས་ཤིག་ཡིག་སྒྱུར་བྱེད་རོགས་བྱེད་ན་མཉེན་ཆས་འདི་དང་དེ་མིན་གཞན་ཡང་རགས་ཐུབ།

ཅིའི་ཕྱིར་རིན་སྤྲོད་དགོས།
- བསྐྱར་དུ་ཞུ་རྒྱུར། དངུལ་དངོས་ཀྱི་ཚབ་ཏུ་སྐུ་ཉིད་ནས་གློག་ཀླད་སྐོར་གྱི་རྩོམ་རེ་གཉིས་ཤིག་ཡིག་སྒྱུར་བྱེད་རོགས་བྱེད་ན་མཉེན་ཆས་འདི་དང་དེ་མིན་གཞན་ཡང་རགས་ཐུབ། གཙོ་བོ་ཕར་ལེན་ཚུར་ལེན་དང་རང་གཞན་གཉིས་ཕན་ཆེད་དུ་ཡིན།
- རིན་སྤྲོད་མི་དགོས་པར་དྲ་ཐོག་འཚོལ་བཤེར་བྱེད་ཐུབ་ན། ཁྱེད་ལ་དགོས་པའི་མཉེན་ཆས་ཅི་རིགས་སྒོར་སྐར་མ་གཅིག་སྤྲོད་མི་དགོས་པར་ལོན་ཐུབ་ངེས། ཁྱེད་ཀྱི་མུ་མཐུད་དྲ་ཐོག་ནས་ལོན་ཐབས་གནང་རོགས། ངས་ཁྱེད་ལ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།
- དེ་མིན་ཁྱེད་ཀྱིས་ཤེས་དགོས་པ་ཞིག་ནི། ངས་དྲ་ཐོག་ནས་མཉེན་ཆས་འདི་དག་ལོན་རྒྱུར་དུས་ཚོད་དང་། འབད་བརྩོན་མི་ཉུང་བ་ཞིག་བྱས་ཡོད། སྐབས་རེ་མཉེན་ཆས་གསང་ཟ་གཏོར་མཁན་དག་ལ་དམིགས་བཀར་གློག་འཕྲིན་རྒྱུད་འབྲེལ་བ་བྱེད་དགོས་པ་དང། སྐབས་རེ་དྲ་གནས་ཁག་ནས་ཕབ་ལེན་བྱེད་རྒྱུར་འགེངས་ཤོག་ཁག་མང་པོ་བཀངས་དགོས་ཀྱི་ཡོད།
- མཉེན་ཆས་རེར་ཡིག་ཆ་ཆེ་ཚམ་ཡིན་པས་ཕབ་ལེན་ཆེད་གློག་ཀླད་ཉིན་ཤས་ཁ་ཕྱེ་ནས་འཇོག་དགོས་པ་དང། མཉེན་ཆས་ཕབ་ཟིན་རྣམས་ལ་གསང་ཟྭ་གཏོར་ཆས་མཉམ་དུ་མེད་ན་བསྐྱར་དུ་དྲ་གནས་གཞན་ནས་ཕབ་ལེན་དགོས་པ་ཡོང་གི་ཡོད།
- མ་ཟད་སྔ་ལོ་ནས་རྒྱ་གར་གཞུང་ནས་དྲ་ཐོག་ནས་མཉེན་ཆས་དང་ཡིག་ཆ་ལོན་སའི་དྲ་གནས་ཕོན་ཆེན་ཞིག་སྒོ་བརྒྱགས་པར་བརྟེན་མཉེན་ཆས་རགས་རྒྱུར་དེ་བས་དཀའ་ཁག་ཆེ་རུ་སོང་ཡོད།
- མཉེན་ཆས་མཉམ་དུ་ཁྱེད་ལ་མཉེན་ཆས་སྒྲིག་འཇུག་བྱེད་སྟངས་དང། གསང་ཟྭ་གཏོར་སྟངས་ཁ་གསལ་ཡོད་པའི་བརྙན་ཟློས་དང་། རི་མོའི་ལམ་ནས་འགྲེལ་བཤད་ཡོད་པ་ཞིག་ཀྱང་བཟོ་སྒྲིག་བྱས་ནས་བསྐུར་ཆོག
མཆན།