མཉེན་ཆས་ཀྱི་མིང་ནས་ཧ་གོ་ཐུབ་པ་ལྟར། མཉེན་ཆས་དེས་རྩིས་འཁོར་ནང་ཡོད་པའི་ཡིག་ཁུག་ Folder ལ་གསང་ཨང་བཀོད་དེ་ཕྱི་མི་སུས་ཀྱང་བལྟ་མི་ཐུབ་པ་བཟོ་རྒྱུ་དེ་ཡིན། མཉེན་ཆས་དེ་སྐད་གྲགས་ཡོད་པ་དང་བེད་སྤྱོད་བྱེད་མཁན་ཚོས་དགའ་མོས་དང་གདེང་འཇོག་ཆེན་པོ་ཐོབ་ཡོད། མཉེན་ཆས་དེ་ད་ལྟ་ཐོན་རིམ་ version 7.5.2 ཐོག་སླེབས་ཡོད་པ་དང་། དེ་སྔའི་མཉེན་ཆས་ལས་སྟབས་བདེ་བ་དང་ངོས་གཙང་དུ་བཏང་འདུག

དེ་རིང་ངོ་སྤྲོད་བྱེད་རྒྱུའི་མཉེན་ཆས་ནི་ Wise Floder Hider ཟེར་བ་དེ་ཡིན། མཉེན་ཆས་ཀྱི་མིང་ནས་ཧ་གོ་ཐུབ་པ་ལྟར། མཉེན་ཆས་དེས་རྩིས་འཁོར་ནང་ཡོད་པའི་ཡིག་ཆ་དང་ཡིག་ཁུག་ (File and Folder) གནད་འགག་ཡོད་པ་དེ་དག་བཙན་པོ་བྱས་ནས་ཉར་ཐུབ་ཆེད་ཅིག་ཡིན། སོ་སོའི་གསང་ཨང་མེད་ན་ཡིག་ཆ་དང་ཡིག་ཁུག་དེ་དག་མི་སུ་གང་གིས་ཀྱང་ལྟ་མི་ཐུབ་པ་ལྟ་བུ་ཡིན། མཉེན་ཆས་དེ་བེད་སྤྱོད་བྱེད་མཁན་མང་པོ་ཡོད་པ་དང་ཁོང་ཚོའི་དགའ་མོས་ཐོབ་ཡོད་པའི་མཉེན་ཆས་ལེགས་གྲས་ཤིག་ཡིན། དེ་བས་ལེགས་པའི་ཆ་ཞིག་ནི་མཉེན་ཆས་དེ་རིན་མེད་ཐོག་སུས་ཀྱང་ཕབ་ལེན་བེད་སྤྱོད་བྱེད་ཆོག
མཉེན་ཆས་ཐོག་མར་ཁ་ཕྱེ་སྐབས་དེའི་ཐོག་ཁྱེད་ཀྱིས་གསང་ཨང་ཞིག་བཀོད་དགོས། གསང་ཨང་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གཏན་པོ་བྱེད་དགོས། དེ་མིན་གསང་ཨང་དེ་དྲན་པ་བརྗེད་ན་མཉེན་ཆས་དེ་བེད་མེད་དུ་འགྲོ་སྲིད་པ་དང་། ཐབས་སྡུག་ན་མཉེན་ཆས་དེའི་ནང་སྦས་ཡོད་པའི་དེ་སྔའི་ཡིག་ཆ་རྣམས་ཀྱང་ལེན་མི་ཐུབ་པ་ཆགས་སྲིད། དེར་བརྟེན་སོ་སོས་བཀོད་པའི་གསང་ཨང་དེ་མ་བརྗེད་པ་བྱས་དགོས།
གློག་ཀླད་ནང་གི་ཡིག་ཁུག་དང་ཡིག་ཆ་གང་རུང་ཞིག་མཉེན་ཆས་དེའི་ཐོག་གཡུག་ན་ཡིག་ཁུག་དང་ཡིག་ཆ་དེ་གློག་ཀླད་ཀྱི་ངོས་ནས་ཡལ་བ་ལྟ་བུ་ཆགས་སྲིད། དོན་དངོས་ཐོག་ཡིག་ཆ་དེ་ཡལ་བ་མ་རེད། ཡིག་ཆ་དེ་དག་མཉེན་ཆས་དེས་སྦས་སྐུང་བྱས་པ་རེད། སྦས་བཞག་པའི་ཡིག་ཆ་དེ་དག་ཁྱེད་རང་གཅིག་པོས་མ་གཏོགས་སུས་ཀྱང་ལྟ་མི་ཐུབ།
མཉེན་ཆས་ཕབ་ལེན།
ཡིག་ཆ་ཆེ་ཆུང། 3.45 MBདྲ་ཚིགས་ཨ་མ་ནས་རིན་མེད་ཕབ་ལེན་གནང་རོགས།
http://www.wisecleaner.com/wise-folder-hider-free.html
གལ་ཏེ་དོགས་དྲི་དང་བསམ་ཚུལ་ཡོད་ན། གཤམ་གྱི་མཆན་བཀོད་སའི་ནང་མཆན་བཀོད་རོགས།
མཆན།