དྲ་རྒྱའི་བདེ་འཇག་ནི་སྐབས་དང་དུས་སུ་དྲ་དུག་གི་རྣམ་འགྱུར་ལ་བལྟ་དགོས་པ་དང་སྔོན་ཆད་ཀྱི་ནད་དུག་ (virus, trojan, worm, spyware) དེ་ཚོར་ལྟར་ལས་ལྷ...

དེར་ང་ཚོས་ཤེས་དགོས་པ་དང་དོ་སྣང་བྱེད་དགོས་པ་ནི། དུག་འགོག་མཉེན་ཆས་མང་པོའི་ནང་ནས་ལེགས་གྲས་ཤིག་རང་ཉིད་ཀྱི་རྩིས་འཁོར་ནང་སླེབས་ཐུབ་པ་བྱེད་རྒྱུ་དང་། དུག་འགོག་མཉེན་ཆས་དེས་རང་ཉིད་ཀྱི་རྩིས་འཁོར་གྱི་བདེ་འཇག་ལ་འགན་ལེན་ཆ་ཚང་བྱེད་ཐུབ་པ་ཞིག་ཡོང་རྒྱུ་དེ་ཡིན།
གཤམ་ལ་གུས་པས་ PC PRO April 2015 གྱི་དུས་དེབ་ལས་དུག་འགོག་མཉེན་ཆས་བཅུའི་ཚད་བསྡུར་བྱེད་པའི་དཔྱད་གཞི་ཞིག་ཀློག་པའི་མཐར་རེའུ་མིག་འདི་བཟོས་པ་ཡིན།
དུག་འགོག་མཉེན་ཆས་ལེགས་གྲས།
|
སྐར་མ
5
|
རིན་གོང
£
|
འགོག་ནུས།
|
འཁྲུལ་མེད།
|
CPU
སྤྱོད་ཚད།
|
RAM
སྤྱོད་ཚད།
|
བཤེར་ཚད་དུས་ཡུན།
|
Kaspersky Internet Security
2015
|
5
|
17
|
99%
|
100%
|
23%
|
19%
|
05:56
|
Avast Free Antivirus
|
4
|
རིན་མེད།
|
97%
|
97%
|
17%
|
7%
|
11:44
|
360 Safe Internet Security
|
4
|
རིན་མེད།
|
99%
|
90%
|
23%
|
6%
|
5:40
|
AVG AntiVirus Free 2015
|
3
|
རིན་མེད།
|
76%
|
98%
|
17%
|
25%
|
6:40
|
Bitdefender Internet Security
2015
|
3
|
13
|
77%
|
99%
|
25%
|
24%
|
1:01
|
Eset Smart Security 8
|
4
|
32
|
100%
|
98%
|
32%
|
21%
|
15:09
|
McAfee Internet Security
|
2
|
14
|
89%
|
99%
|
53%
|
8%
|
8:26
|
Microsoft Security Essential
|
2
|
རིན་མེད།
|
59%
|
100%
|
25%
|
8%
|
1:34
|
Norton Security 2015
|
4
|
29
|
99%
|
98%
|
33%
|
5%
|
4:16
|
Trend Micro Maximum Security
|
3
|
33
|
96%
|
96%
|
23%
|
8%
|
8:32
|
རེའུ་མིག་འདིའི་ནང་། དུག་འགོག་མཉེན་ཆས་ལེགས་གྲས་ཁག་གི་མིང་དང་། དེ་དག་ལ་ཕྱོགས་བསྡུར་གྱི་སྐར་མ་ལྔ་ནས་སྐར་མ་ཇི་ཐོབ། དེ་དག་གི་རིན་གོང་། དེ་ནས་དུག་འགོག་གི་ནུས་པ་ཆེ་ཆུང་། འཁྲུལ་མེད་ཟེར་བ་ནི། དུག་འགོག་མཉེན་ཆས་ཀྱིས་ནོར་འཁྲུལ་མེད་པར་ནད་འབུ་ངོ་ཐག་ཆོད་ཐུབ་མིན་ལ་གོ་དགོས། དེ་ནས་གློག་ཀླད་ན་ནད་འབུ་གཙང་གསེལ་བྱེད་པའི་སྐབས་གློག་ཀླད་ཀྱི་ CPU ཇི་ཙམ་ཟ་གི་ཡོད་པ་དང་། RAM ཇི་ཙམ་ཟ་གི་ཡོད་པ། མཐའ་མ་དེར་ བཤེར་ཚད་དུས་ཡུན་མང་ལོས་འགོར་གྱི་ཡོད་པ་བཅས་ཡིན།
CPU སྤྱོད་ཚད་དང་། RAM སྤྱོད་ཚད། བཤེར་ཚད་དུས་ཡུན་དེ་བསྟར་པ་མཐའ་མ་གསུམ་གྱི་ཨང་ཀི་ཇི་ཙམ་ཉུང་བ་དེ་ཙམ་གྱིས་ལེགས་པ་ཡོད།
རེའུ་མིག་འདི་ལས་ང་ཚོས་ཤེས་དགོས་པའི་བསྡོམས་ཚིག་ནི།
- རིན་གོང་སྤྲད་དེ་དུག་འགོག་མཉེན་ཆས་ཉོ་ན། Kaspersky Internet Security 2015 དང་ Eset Smart Security 8 དང་ Norton Security 2015 འདེམས་དགོས།
- རིན་མེད་ཀྱི་དུག་འགོག་མཉེན་ཆས་དགོས་ན། Avast Free Antivirus ནི་ད་ལྟའི་ཆར་ཡག་ཤོས་ཡིན།
- སྐར་ཁུང་མ་ལག་ནང་རང་བསྒྲིགས་སུ་ཡོད་པའི་ Microsoft Security Essential ཟེར་བའམ་ Window Defender ཟེར་བ་དེ་ད་ལྟའི་ཆར་དྲ་དུག་དང་རྩིས་འཁོར་གྱི་བདེ་འཇག་ལ་སྐྱོབས་སྲུང་གི་ནུས་པ་ཆུང་ཆུང་ཡིན་པ་གསལ་སྟོན་བྱེད་འདུག
![]() |
འདི་ནི་ Microsoft Security Essntial གསུབ་མ་ཐག་ ESET NOD32 བཅུག་ནས་གློག་ཀླད་ཆ་ཚང་གཙང་བཤེར་བྱེད་པའི་སྐབས་ནད་འབུ་མང་པོ་ཞིག་འཇུ་བཟུང་ཐུབ་པ་སྟོན་ཐུབ། |
མཆན།