ད་ལྟ་གཟིགས་གཞིན་པའི་འགུལ་རིགས་ཀྱི་རི་མོ་དེ་ནི་ swf ཡིག་ཆའི་ཐོག་ཡོད་པ་ཞིག་ཡིན། དྲ་ཚིགས་མང་པོའི་ནང་འགུལ་རིགས་ཀྱི་ཡིག་ཆ་དེ་དག་དགོས་མཁོ་དང་དམིགས་ཡུལ་མང་པོ་བཟུང་ཡོད། ཀློག་མཁན་གྱི་ཡིད་དབང་འགུག་ཐུབ་པའི་ནུས་པའང་ལྡན། འགུལ་རིགས་དེ་དག་མཉེན་ཆས་འདྲ་མིན་སྤྱད་དེ་བཟོས་པ་ཞིག་ཡིན། ད་ལྟ་སྐབས་སུ་འབབ་པ། བཟོས་ཟིན་པའི་འགུལ་རིགས་ཀྱི་ཡིག་ཆ་swf ཞིག་རང་ཉིད་ཀྱི་ཟིན་བྲིས་སུ་འཇོག་སྟངས་སྟོན་གྱི་ཡིན།
༼ དང་པོ། swf ཡིག་ཆ་དྲ་ཐོག་ནས་འཚོལ་སྟངས། ༽
༡༽ གུ་གུལ་འཚོལ་བཤེར་གྱི་དྲ་ཚིགས་ཐོག་ཕྱིན། སྟོང་ཆའི་ནང་ filetype:swf བརྒྱབ། དེས་swf ཡིག་ཆ་ཁོ་ན་དགོས་ཟེར་བ་ལྟ་བུ་ཡིན། དེ་ནས་མུ་མཐུད་ནས་འཚོལ་འདོད་གྱི་ཡིག་ཆའི་མིང་བྲིས། དཔེར་ན་ tibet དང་ clock , dog, kids, game སོགས་རང་ཉིད་གང་འདོད་ལྟར་བཀོད་མཆོག །གཤམ་གྱི་རི་མོ་གཟིགས།
༼ གཉིས་པ། ཟིན་བྲིས་སུ་འཇོག་སྟངས། ༽
རང་ཉིད་ཀྱི་ཟིན་བྲིས་སུ་འཇོག་སྟངས་ནི་སྟབས་བདེ་པོ་རེད།༢༽ ཟིན་བྲིས་ཀྱི་ནང་ Post གསར་པ་གཅིག་བཟོས། ཟིན་བྲིས་བྲིས་སའི་ཐོག་ Compose དང་ HTML གཉིས་ཡོད་པ་ལས་ HTML ཐོག་བཞག་དགོས།
<embed src="https://sites.google.com/site/exeideashassan/exe-ideas-hare-drive/EXEIdeasUnderConstruction.swf?attredirects=0" quality="high" allowscriptaccess="always" type="application/x-shockwave-flash" pluginspage="http://www.macromedia.com/go/getflashplayer" align="middle" height="600px" width="800px"></embed>
༤༽ གོང་གི་ཡི་གེ་མཚོན་མདོག་ལྗང་ཁུ་ཡིན་པ་དེ་བསུབ་ནས་རང་ཉིད་ཀྱི་swf ཡིག་ཆའི་དྲ་སྣེ་(url)དེ་བཀོད་ན་འགྲིགས། དེ་བཞིན་དཀྱུས་དང་ཞེང་གི་ཚད་གཞི་སྒྲིག་ན་ width="800px" དང་ height="600px" ཨང་ཀི་ཆེ་ཆུང་བཏང་ནའང་འགྲིགས།༼ གཤམ་ལ་དཔེ་མཚོན་ཁ་ཤས་བཞག་ཡོད། ༽
མཚམས་ཡིག་ འདིར་གནོན།ཞབས་བྲོ། འདིར་གནོན།
ཤིང་གི་མི། འདིར་གནོན།
མཆན།