ཉེ་ཆར་གུ་གུལ་གྱིས་ཨེན་ཌྱོའི་རྩེད་ཆས་(Android Device)ཆེད་ google translator app ཐོན་རིམ་གསར་ཤོས་དེ་ Google Play རྒྱུད་དྲྭ་མང་ལ་ཕབས་ལེན་བྱེད་རྒྱུ་ཡོད་པ་བཟོས་ཡོད། ད་རེས་ཀྱི་ཐོན་རིམ་འདིའི་ནང་སྐད་ཡིག་ ༥༠ ལྷག་གི་བར་ཡིག་བསྒྱུར་བྱེད་ཐུབ་པ་མ་ཚད་སྤྱོད་མཁན་གྱིས་ Google Translator རང་ཉིད་ཀྱི་ཨེན་ཌྱོའི་རྩེད་ཆས་ནང་ཕབ་ལེན་སྒྲུབ་རྗེས་དྲྭ་རྒྱའི་མཐུན་རྐྱེན་མེད་ཀྱང་ཡིག་བསྒྱུར་ཐད་ཀར་བྱེད་ཐུབ་ཀྱི་ཡོད་འདུག
དྲྭ་རྒྱའི་མཐུན་རྐྱེན་མེད་ཀྱང་ཨེན་ཌྱོའི་ཐོག་གུ་གུལ་ཡིག་བསྒྱུར་གྱི་ཞབས་ཞུ་སྒྲུབ་ཐུབ་པ།
ཨེན་ཌྱོའི་ཚད་གཞི་ 2.3 Gingerbread དང་དེའི་ཡན་དགོས་པ་དང་། Google Translator རྒྱུད་འདེམས་བྱའི་ནང་ Offline Language སྐད་ཡིག་གང་དགོས་འདེམས་ས་ཡོད། དབྱིན་ཡིག་དང་རྒྱ་ཡིག་ཕན་ཚུན་ཡིག་བསྒྱུར་བྱེད་དགོས་ཀྱི་ཡོད་ན་སྐད་ཡིག་འདི་གཉིས་ཀྱི་ Language Pack ཀྱང་ཕབས་ལེན་དང་ནང་འཇུག་བྱེད་དགོས།
ཨེན་ཌྱོའི་ཆེད་དུ་འཇུག་རྒྱུ་ཡོད་པའི་གུ་གུལ་ཡིག་བསྒྱུར་ཞབས་འདི་ཉིད་སྔ་ལོའི་ཕྱི་ཟླ་ ༡༢ ནང་སྤེལ་བ་དང་། ཐོན་རིམ་གསར་པ་འདིའི་ནང་ཁྱད་ཆོས་གཙོ་བོ་ནི་ལག་ཐོག་ཁ་པར་གྱི་དཔར་ཁུང་(Mobile Camera)རྒྱུད་དེ་བརྩིགས་ངོས་དང་ཤོག་བུ་སོགས་ཀྱི་ངོས་ལས་ཡི་གེ་ངོས་བཟུང་བ་དང་ཡིག་བསྒྱུར་ཐད་ཀར་ཐུབ་པ། ལག་བྲིས་ཀྱི་ཡི་གེ་ཡང་ཀློག་ཐུབ་ཀྱི་འདུག །ཟུར་མཉེན་ནམ་ app དེ་ Google Play རྒྱུད་རིན་མེད་ཐོག་ཕབས་ལེན་བྱེད་ན་འགྲིགས།
དེ་བཞིན་གསར་འགྱུར་གཞན་ནས་འཐོན་གསལ་ལྟར་ན་ Samsung Galaxy S4 ལག་ཐོག་ཁ་པར་ཆེད་དུ་དེ་དང་འདྲ་བའི་ཡིག་བསྒྱུར་ཞབས་ཞུ་ S Translator ཞེས་པའི་ app ཞིག་ཀྱང་ཐོན་ཡོད་པའི་གནས་ཚུལ་འདུག།
མཆན།