གུ་གུལ་སྲ་སྡེར་ནང་གི་ཡིག་ཆ་ཉར་ཚགས་དང་འཚོལ་རྙེད་བྱེད་སྟངས།

ཡིག་ཆ་གསར་བཟོ་བྱེད་པར་ཁྱེད་ཀྱིས་ Create ཅེས་པའི་ཐོག་བསྣོན་ན་འགྲིགས།
Share ཞེས་པའི་ཐོག་བསྣོན་ནས་རང་ཀྱི་ཡིག་ཆ་གཞན་ལ་འགྲེམས་སྤེལ་བྱེད་ཐུབ།
Starred: གལ་ཆེ་བའི་ཡིག་ཆ གང་རུང་ཞིག་སྐར་རྟགས་བརྒྱབ་ན་དེ་དག་སྐར་རྟགས་ཀྱི་སྡེ་ཚན་ནང་འཇོག་ཐུབ།
Folders: ཡིག་ཁུག་ནང་རང་གི་ཡིག་ཆ་རྣམས་འཇོག་རྒྱུ་ཡོད།
Shared with me: མི་གཞན་གྱིས་རང་དང་མཉམ་སྤྱོད་ཡིག་ཆ་རྣམས་སྡེ་ཚན་འདི་ནས་བསྔོག་ཐུབ།
Search རང་གི་ཡིག་ཆ་འཚོལ་བརྙེད་བྱེད་ས་ཡིན།
ཞིབ་ཚགས་པོའི་ངང་ནས་འཚོལ་ཐབས།
ཡིག་ཆ་འཚོལ་སའི་འགྲམ་དུ་ཡོད་པའི་ཟུར་གསུམ་དེར་བསྣོན་ཏེ་ཞིབ་འཚགས་བྱས་ནས་ཡིག་ཆ་འཚོལ་བརྙེད་བྱེད་ཐུབ།
Activity: ཡིག་ཆ་རྣམས་བསྒྱུར་བཅོས་བཏང་བའི་དུས་ཚོད་ལ་གཞིགས་ཏེ་སྟོན་ཐུབ། གལ་ཏེ་མང་དྲགས་འདུག་ན་ Remove from Activities ཞེས་པ་དེར་བསྣོན་ནས་གཙང་བཟོ་བྱེད་ན་འགྲིགས།
Recently opened: ཉེ་ཆར་ཁ་བསྔོགས་པའི་ཡིག་ཆ་རྣམས་བལྟ་ན།
Trash: དེའི་ནང་ཡིག་ཆ་དབྱུགས་བཞག་པ་རྣམས་བསྡད་ཀྱི་ཡོད། ཡིག་ཆ་ཞིག་དབྱུགས་དགོས་ན་ཡིག་ཆ དེ་འདེམས་པའི་རྗེས་གད་སྙིགས་བླུགས་སྣོད་ཀྱི་རྟགས་་ཡོད་པ་དེར་བསྣོིན་དགོས།
Organize your files
ཡིག་ཆ་དབྱེ་གསེས་དང་གོ་རིམ་བསྒྲིགས་པ།
དུས་ཡུན་གང་མཚམས་རྗེས་གུ་གུལ་སྲ་སྡེར་ནང་ཡིག་ཆ་མང་པོ་ཆགས་འགྲི་ཡི་ཡོད་པ་དང་། དེ་དུས་ཡིག་ཆ དེ་དག་དབྱེ་གསེས་བྱེད་རྒྱུའི་དགོས་པ་ཞིག་ཡོང་ངེས་རེད།
གུ་གུལ་སྲ་སྡེར་ནང་ཡིག་ཁུག་བཟོ་སྟངས།
- Create ཅེས་པའི་ཐོག་སྣོན་རྗེས་ Folder: ལ་བཞུས།
- ཡིག་ཁུག་དེར་མིང་ཞིག་རྟགས་རྗེས་ OK ལ་བསྣོན།
Tip: If you’re displaying My Drive, (or a folder within My Drive), you can also click the New folder icon to create a folder in your current location:
གདམས་ངག །ཡིག་ཁུག་བཟོ་བར་སྟབས་བདེ་ཤོས་ནི་ཡིག་ཁུག་གི་རྟགས་ཡོད་པའི་སྒང་ལ་བསྣོན་རྒྱུ་དེ་ཡིན།
ཡིག་ཆ་དང་ཡིག་ཁུག་གནས་སྤོ་བྱེད་ཐབས།
- གནས་སྤོ་བྱེད་རྒྱུའི་ཡིག་ཆའམ་ཡིག་ཁུག་དེ་དག་འདེམས།
- དེ་ནས་སྟོད་དེར་ཡིག་ཁུག་གི་རྟགས་དེར་བསྣོན།
- Organize ཞེས་པའི་ནང་ཡིག་ཆ་དེ་དག་གང་དུ་གནས་སྤོ་བྱེད་རྒྱུའི་འདེམས་ཀ་ཡོད་པས་རང་གི་འདོད་པ་ལྟར་འདོམས།
- དེ་ནས་ Apply changes ལ་བསྣོན།
ཡིག་ཆ་མཉམ་སྤྱོད་བྱེད་རྒྱུ་ཡོད་པ་ཇི་བཞིན་ཡིག་ཁུག་ཀྱང་མཉམ་སྤྱོད་ཆེད་འཇོག་རྒྱུ་ཡོད།
- ཡིག་ཁཱུག་འདེམས།
- Share ཞེས་པའི་རྟགས་དེའི་སྒང་བསྣོན།
མཆན།