རྡ་སའི་སྲིན་བྱས་ཚོས། ཨ་ཁུ་བྱི་ལི་གཏམ་རྒྱུད་སྐྱོང་ཞིང་། ཁྱི་རྒན་ཕྲད་སྐབས་ཀུ་རེའི་ཚུལ་དང། གསར་གཏོད་ཀྱི་ཁུ་བྱུག་ཕྲད་སྐབས། སང་ཉིན་དང་སང་ཉིན་གྱི་ཨ་ཕོར་བརྡ་མོ་འཕེན་བཞིན་འདུག།
ཨ་ཁུ་བྱི་ལི་གཏམ་རྒྱུད་སྐྱོང་ཞིང་།
ཁྱི་རྒན་ཕྲད་སྐབས་ཀུ་རེའི་ཚུལ་དང།
གསར་གཏོད་ཀྱི་ཁུ་བྱུག་ཕྲད་སྐབས།
སང་ཉིན་དང་སང་ཉིན་གྱི་ཨ་ཕོར་བརྡ་མོ་འཕེན་བཞིན་འདུག།
རྡ་སའི་སྐྱག་ཚང་གི་གྱང་རོ་ཡོད་ཚད།
སྲིན་བྱ་ཚོའི་དྲོ་སྐྱིད་ཀྱི་མལ་ཁང་ཡིན་ཞིང་།
ལེ་ལོའི་སྐྱིད་ཉལ་ལ་གོམས་པས།
ཉམས་རྒུད་ཀྱི་རྫ་ངའི་སྒྲ་དེ་མ་ཐོས་སམ།
རྡ་ས་དང་ལྷ་ས།
སྲིན་བྱ་དང་སྐུ་དྲག
མཆན།