ཉིན་རྒྱབ་ཀྱི་ཚ་དྲོད་ནི་ཧ་ཅང་ཆེ་བས་སཱ་ར་རིག་ལམ་སློབ་མཉེར་ཁང་གི་འཁོར་ར་ཁོར་ཡུག་ནི་མི་མེད་ལུང་སྟོང་འདྲ་བ་དབེན་ཐེང་ངེར་ལྷག་འདུག དེ་རིང་གཟའ་ཉི་མ་ཡིན་པས་ཚང་མ་ཚ་སྡུག་གི་སྡུག་བསྔལ་ལས་དུས་ཡུན་འཕྲན་བུ་ངལ་གསོ་རག་ཐབས་སུ་དང་དྷ་རམ་ལར་རྒྱལ་ཡུམ་ཆེན་མོ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་པོ་དེ་རྡ་སྟེང་བོད་ཁྱིམ་དུ་འཁེལ་བས་
.jpg)
ཁོང་གསུམ་པོས་"རྩི་ཤིང་ལ་སེམས་མེད་"པའི་གྲུབ་བྱེད་ཡོད་མིན་དང་ཡོད་ན་ཇི་ལྟར་ཡིན་སྲིད་པ་སོགས་རང་རང་གི་རིག་པ་གདོན་གང་ཐུབ་བྱེད་པ་སོགས་རྒྱལ་སྤྱིའི་བགྲོ་གླེང་ཆེན་པོ་ཞིག་ཚོགས་ཀྱི་ཡོད་པ་ལྟ་བུར་མངོན། དང་ཐོག་སྲས་ཆུང་གིས་རོགས་པ་གཉིས་དང་འདྲ་བར་རིག་པ་གང་མཚམས་གཏོན་ཡང་གང་མཚམས་རྗེས་དེ་ནི་ཆུ་དཀྲོག་ནས་མར་འདོད་པ་ལྟར་དུ་སྣང་བས། "མཐའ་སྡོམ་བརྒྱབ་པར་རིག་པ་དགོས་པ་དང། རིག་པ་གདོན་པར་དེའི་ཐོག་ཆུ་ཚད་གང་མཚམས་དགོས་དགོས་འདུག དེ་མིན་ང་ཚོ་གསུམ་གྱིས་རྩི་ཤིང་ལ་སེམས་མེད་པའི་སྐོར་བཤད་རྒྱུ་དཀའ་མོ་རེད་མི་འདུག་གམ་" ཞེས་ལབ་རྗེས་ཁ་སང་ཉིན་གཉིས་སྔོན་རོགས་པ་ཞིག་གི་ས་ན་གཡར་བའི་དེབ་"སྦྱིན་བདག་མི་དགོས། གྲྭ་བ་མི་བྱེད།"ཅེས་པའི་དེབ་དེའི་ཀློག་འཕྲོ་ནས་མུ་མཐུད་དེ་ཀློག་འགོ་བཙུགས་པ་ལས་ཁོང་གསུམ་པོའི་རྩོད་གཞི་དེ་ལས་གཡོལ། འོན་ཀྱང་ཁོང་གཉིས་ནི་ད་དུང་བགྲོ་གླེང་བྱས་ནས་ཚུ་ཚོད་གཅིག་ཙམ་སོང་། དེ་ནས་དབྱར་ཀྱི་ཚ་བ་ཆེ་བས་ནོར་གླིང་ཉེ་འཁྲིས་སུ་ཡོད་པའི་Funky Townཞེས་པའི་ཆུ་རྐྱལ་བརྒྱབ་ས་ཡོད་པ་དེར་ཁོང་གསུམ་པོ་རླང་འཁོར་ཞིག་གླས་ནས་འགྲོ་རྒྱུར་གྲོས་འཆམ།
ནོར་གླིང་དུ་སླེབས་དུས་སྔར་མེད་པའི་འགྱུར་བ་མང་དག་ཞིག་ཁོང་གསུམ་པོས་མཐོང་བས་བློ་ཡུལ་ལས་འདས། བོད་པའི་ཁྱིམ་དུད་མང་བ་དང་། བོད་མི་ཡང་མང་པོ་འདུག ཕལ་ཆེར་གཞིས་ཆགས་གཅིག་ཆགས་པ་ལྟ་བུ་སྣང་། ཆུ་རྐྱལ་བརྒྱབ་ས་དེ་རུ་སླེབས་དུས་དེར་སྔོན་ནས་མི་མང་པོ་ཞིག་འཁེངས་འདུག་པ་མ་ཟད་ཆུའི་ནང་དུ་ཡོད་པའི་ཕྲུ་གུ་དང་སྐྱེས་ཕོ་མོ་རྣམས་ནི་ཉ་རྒྱའི་ནང་དུ་ཟིན་པའི་ཉ་ལྟར་འཕར་མཆོང་ཚུར་མཆོང་གིས་ཅ་ཅོས་ཁེངས་ནས་འདུག
ཆུ་བརྒྱལ་སའི་གཡས་གཡོན་དུ་སྡོད་ས་ཡང་བཟོས་འདུག དེར་ཁོང་གསུམ་པོས་གྱོན་པ་བརྗེས་པའི་སྐབས་དོ་སྣང་བྱུང་ནི་དེར་སློབ་གྲྭའི་ཕྲུ་གུ་ཡང་མི་ཉུང་བ་ཞིག་ཡོད་པ་མཐོང་། ཁོང་གསུམ་པོ་ཡང་བཟོ་གྲ་གཅིག་ནས་ཐོན་པའི་ཐོན་རྫས་ལྟར་སྔོན་བོད་ཕྲུག་ཁྱིམ་སྡེ་ནས་ཡིན་དུས་སློབ་ཕྲུག་དེ་དག་གི་དགུང་གསེང་གི་སྤྲོ་བ་དེ་ལྟ་བུ་བྱས་དོན་ཡང་མ་བཤད་རང་རྟོགས་ཡིན།
མཆན།