ཡུན་རིང་རེ་སྒུག་བྱེད་པའི་ཐེ་ཝན་གློག་བརྙན་གསར་པ་འདི་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༨ ཉིན་ཡུ་ཏུབ་དྲ་རྒྱའི་ཐོག་ཆ་ཚང་བཀོད་ཡོད་པ་རྙེད་བྱུང་། ངས་སྒྲ...

ཡུན་རིང་རེ་སྒུག་བྱེད་པའི་ཐེ་ཝན་གློག་བརྙན་གསར་པ་འདི་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༨ ཉིན་ཡུ་ཏུབ་དྲ་རྒྱའི་ཐོག་ཆ་ཚང་བཀོད་ཡོད་པ་རྙེད་བྱུང་། ངས་སྒྲུང་ཆ་ཚང་བལྟས་ཟིན་ལ་སྒྲུང་དང་འཁྲབ་སྟོན་མི་སྣ་རྣམས་བཀོད་སྒྲིག་ཧ་ཅང་ལེགས་པོ་བྱས་འདུག ། སྒྲུང་གི་འཁྲབ་སྟོན་མི་སྣ་གཙོ་བོ་ནི་ ཐེན་བྱི་ དང་ དྭང་ལཱོ་སི་ གཉིས་ཡིན། སྒྲུང་འདིའི་ནང་ ཐེན་བྱི་ ནི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་ཞིག་ཡིན་པ་དང་། དྭང་ལོ་སི་ ནི་སྒེར་གཉེར་འཁྱབ་བསྒྲགས་ཀུང་སི་ OZ ཞེས་པ་ཞིག་འགོ་ཁྲིད་བཞིན་ཡོད། ཐེན་བྱི་ ནི་ OZ ཀུང་སི་ལ་དམིགས་གསལ་གྱི་འཚོར་བ་ཞིག་ཡོད་པ་དང་། ཁོ་པས་ OZ ནི་ དྭང་ལོ་སི་ ཡིས་བདག་པོ་བརྒྱག་གི་ཡོད་པ་དང་། སྐབས་དེར་ཀུང་སི་ཆུང་ཆུང་དེར་གནས་མ་ཐུབ་པའི་མཚམས་ལ་ ཁོ་པས་ ཞའོ་ལཱུ་ ཞེས་པའི་ཕོ་གསར་ཞིག་གི་ངོ་བོར་འཛུལ་ནས་རོགས་པ་གང་ཐུབ་བྱས། དུས་ཡུན་རིང་ཙམ་རྗེས་ ཞའོ་ལཱུ་ (དོན་དངོས་ཐོག་ ཐེན་བྱི་ ) དང་ དྭང་ལོ་སི་ གཉིས་དབང་བརྩེ་གདུག་ཆགས། ཐེན་བྱི་ ཡིས་དོན་དངོས་གནས་ཚུལ་རྣམས་ དྭང་ལོ་སི་ ལ་ཇི་ལྟར་བཤད་དགོས་མིན་དང་། ཇི་ལྟར་བྱ་དགོས་མིན་གྱི་ཐེ་འཚོམ་དང་། དཀའ་ངལ་མང་དག་ཞིག་འཕྲད། འདིར་གློག་བརྙན་གྱི་དྲ་བྱང་འདིར་འཇོག་ཡོད་པས་མཉེས་གཟིགས་ཡོང་བའི་རེ་བ་ཞུ།
དྲ་བྱང་དང་པོ། ཡུ་ཊུབ་ནས་གཟིགས་འདོད་ན།
https://www.youtube.com/watch?v=ComkOlNhTs4&list=PLvbCpdzbhnNDha-sRrUO_P6T7sx7Hgru9&index=1དྲ་བྱང་གཉིས་པ།
- 愛上兩個我 第20集 大結局 Fall in Love With Me Ep20
- 愛上兩個我 第19集 Fall in Love With Me Ep19
- 愛上兩個我 第18集 Fall in Love With Me Ep18
- 愛上兩個我 第17集 Fall in Love With Me Ep17
- 愛上兩個我 第16集 Fall in Love With Me Ep16
- 愛上兩個我 第15集 Fall in Love With Me Ep15
- 愛上兩個我 第14集 Fall in Love With Me Ep14
- 愛上兩個我 第13集 Fall in Love With Me Ep13
- 愛上兩個我 第12集 Fall in Love With Me Ep12
- 愛上兩個我 第11集 Fall in Love With Me Ep11
- 愛上兩個我 第10集 Fall in Love With Me Ep10
- 愛上兩個我 第9集 Fall in Love With Me Ep9
- 愛上兩個我 第8集 Fall in Love With Me Ep8
- 愛上兩個我 第7集 Fall in Love With Me Ep7
- 愛上兩個我 第6集 Fall in Love With Me Ep6
- 愛上兩個我 第5集 Fall in Love With Me Ep5
- 愛上兩個我 第4集 Fall in Love With Me Ep4
- 愛上兩個我 第3集 Fall in Love With Me Ep3
- 愛上兩個我 第2集 Fall in Love With Me Ep2
- 愛上兩個我 第1集 Fall in Love With Me Ep1