ཕྲ་མཉེན་མཉེན་ཆས་ཀུང་སིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༤ ཉིན་གློག་ཀླད་ཀྱི་མ་ལག་སྐར་ཁུང་བཅུ་པ་བཟོ་སྒྲིག་བྱེད་བཞིན་ཡོད་པའི་གསལ་བསྒྲགས་བྱེད་ཡོད་པ་དང་། མཉམ་དུ་ད་ལྟ་ལས་གཞི་འགྲོ་བཞིན་པའི་སྐར་ཁུང་མ་ལག་གསར་པའི་བཟོ་བཀོད་དང་། སྒྲིག་རིམ་ལ་བསྒྱུར་བཅོས། དྲ་མི་ཚོས་མཉམ་རུབ་བཅས་ཡོང་ཆེད་ཚོད་ལྟའི་ཐོག་དྲ་ཐོག་རིན་མེད་ཕབས་ལེན་དུ་འཇོག་ཡོད།

ཕྲ་མཉེན་མཉེན་ཆས་ཀུང་སིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༤ ཉིན་གློག་ཀླད་ཀྱི་མ་ལག་སྐར་ཁུང་བཅུ་པ་བཟོ་སྒྲིག་བྱེད་བཞིན་ཡོད་པའི་གསལ་བསྒྲགས་བྱེད་ཡོད་པ་དང་། མཉམ་དུ་ད་ལྟ་ལས་གཞི་འགྲོ་བཞིན་པའི་སྐར་ཁུང་མ་ལག་གསར་པའི་བཟོ་བཀོད་དང་། སྒྲིག་རིམ་ལ་བསྒྱུར་བཅོས། དྲ་མི་ཚོས་མཉམ་རུབ་བཅས་ཡོང་ཆེད་ཚོད་ལྟའི་ཐོག་ཏུ་དྲ་ཐོག་རིན་མེད་ཕབས་ལེན་དུ་འཇོག་ཡོད།
དྲ་མི་ཚོས་སྐར་ཁུང་ ༡༠ རྩིས་འཁོར་ནང་ནང་འཇུག་བྱེད་ཟིན་མཚམས་དྲ་རྒྱའི་མཐུན་རྐྱེན་ཡོད་ན་ཉིན་རེ་བཞིན་སྐར་ཁུང་གི་སྒྲིག་བཀོད་ལ་བསྒྱུར་བཅོས་ཕྱིན་པ་དང་། ཁྱད་ཆོས་གསར་བསྣོན་བྱས་ཡོད་པ་རྣམས་རང་འགུལ་གྱིས་ཁ་གསབ་བྱེད་འོང་། འོན་ཀྱང་སྐར་ཁུང་ ༡༠ ནི་ཚོད་ལྟའི་དུས་ཚོད་ནང་ཡོད་པར་བརྟེན་སྐབས་རེ་སྐར་ཁུང་ལ་སྐྱོན་ཆའི་ཆ་ཡང་མི་ཉུང་བ་ཞིག་ཡོང་ངེས་པས་དེ་དག་ལ་སྔོན་ཚུད་ནས་བསམ་གཞིག་བྱེད་དགོས།
སྐར་ཁུང་ ༡༠ པ་ནི་ད་བར་དྲ་མི་ཚོས་ལོ་མང་རིང་སྐར་ཁུང་བེད་སྤྱོད་བྱེད་པའི་རྒྱུད་རིམ་ནང་དགོས་མཁོ་དང་དགོས་ངེས་ཀྱི་འགྱུར་བ་བཏང་ཡོད་པ་དང་། དེ་ནི་མཉེན་ཆས་བཟོ་ཚོང་བས་མཉེན་ཆས་བེད་སྤྱོད་བཏང་མཁན་གྱི་ཉམས་མྱོང་ལ་གཞི་གཙོ་བོ་བྱས་ཏེ་བཟོས་པ་ཞིག་ཡིན། དེར་ང་ཚོས་སྐར་ཁུང་ ༡༠ པར་རྒྱུད་ལོན་ཏོག་ཙམ་བྱེད་ན།
སྐར་ཁུང་ ༡༠ པ་བཟོ་སྒྲིག་གི་དམིགས་ཆ་གཙོ་བོ་ནི་སྐར་ཁུང་གི་མཉེན་ཆས་ཅི་ཞིག་བཟོ་ཡང་། གློག་ཆས་མི་འདྲ་བ་རེ་རེར་མཉེན་ཆས་ལོགས་སུ་བཟོ་མི་དགོས་པར། མཉེན་ཆས་གཅིག་བཟོས་ཟིན་པ་དེ་སྐར་ཁུང་ནང་འཇུག་བྱེད་ཟིན་པའི་གློག་ཀླད་དང་། ཁ་པར། གློག་ཆས་ཅི་རིགས་ནང་གཅིག་བསྒྱུར་གྱི་སྤྱོད་ཐུབ་པ་བྱེད་རྒྱུ་དེ་ཡིན། དེ་ནི་རྩ་བའི་བསྒྱུར་བཅོས་ཆེ་ཤོས་དེ་ཡིན།
གཉིས་པ། སྐར་ཁུང་གི་ནང་ངོས་སུ་ཡོད་པའི་རང་ཉིད་ཀྱི་ཡིག་ཆ་དང་ལས་བྱ་རྣམས་རང་ཉིད་ཀྱི་ཁ་པར་དང་། རང་ཉིད་ཀྱི་གློག་ཆས་ནང་གཅིག་བསྒྱུར་ཏུ་འཆར་ཐུབ་པ་དེ་ཡིན།
གསུམ་པ། རྣམ་པའི་ཆ་ནས་སྤྱིར་བཏང་སྐར་ཁུང་ ༨ པ་ལྟར་ཡིན་ཀྱང་། བསྒྱུར་བ་མངོན་གསལ་འདོད་ཤོས་ནི། འགོ་འཛུགས་(Start Menu) གནོན་ས་དེ་སྐར་ཁུང་ ༧ པ་དང་ སྐར་ཁུང་ ༨ གཉིས་པོའི་ལེགས་ཆ་མཉམ་སྲེ་བྱེད་ཡོད། གཤམ་གྱི་པར་རིས་ལ་གཟིགས་ན་མཁྱེན་ངེས།
བཞི་པ། སྐར་ཁུང་ ༡༠ པའི་ལས་གཞི་འགྲོ་བཞིན་ཡོད་སྐབས་སྐར་ཁུང་ ༡༠ དེ་ད་ལྟ་བཏན་པོ་ཆགས་མེད། གལ་ཏེ་སྐར་ཁུང་ ༡༠ ལེགས་སྒྲུབ་བྱུང་བ་ཡིན་ན། ཐོན་རོམ་སྔོན་མའི་སྐར་ཁུང་ལས་ལྡབ་འགྱུར་གི་སྒྲིག་བཀོད་ལ་དམ་ཟབ་དང་། དྲ་རྒྱའི་རྒྱུད་ནད་འབུ་དང་། གསང་འཛུལ་སོགས་འགོག་ནུས་ཤུགས་ཆེ་བ་ཡོད།
སྐར་ཁུང་ ༡༠ སྣང་བརྙན།



སྐར་ཁུང་བཅུ་པའི་ཕབ་ལེན་དྲ་གནས།
[ཕབ་ལེན་དྲ་གནས་འགྱུར་བ་བཏང་ཚེས་ 2015 ཟླ་ 6 ཚེས་ 5 ཉིན།]Windows 10 Build 10122 ISO 32 Bit
http://188.138.9.251/Getintopc.com/en_windows_10_pro_10122_x86_dvd.iso
Windows 10 Build 10122 ISO 64 Bit
http://85.25.103.164/Getintopc.com/en_windows_10_pro_10122_x64_dvd.iso
མཆན།