རུ་ཊིང་བྱེད་ན་གང་ཡོད་དམ། རུ་ཊིང་བཏང་ཟིན་པའི་ཁ་པར་ཞིག་ཡིན་ཕྱིན་ཁ་པར་ནང་ངོས་ཀྱི་ཨཻཔ་སི་(apps) དང་། རྩེ་མོ། ཡིག་ཆ། སྒྲིག་བཀོད་མ་ལུས་པ་ཁ་པར་གཅིག་ནས་ཁ་པར་གཞན་ཞིག་ཐོག་གནས་སྤོ་(backup & restore)བྱེད་ཐུབ་པ་དང། དམིགས་བསལ་གྱི་མཉེན་ཆས་OTG ཟེར་བ་བཅུག་ནས་མཐེབ་སྡེར་(pendrive) ནང་གི་ཡིག་ཆ་རྣམས་ཁ་པར་ངོས་སུ་བལྟ་ཐུབ་པ་བཟོ་ཐུབ། ཁ་པར་ནང་ངོས་ཀྱི་ཡིག་གཟུགས་གཙོ་བོ་དེ་འགྱུར་བཅོས་དང་གང་འདོད་བཀོད་མཆོག །ཁ་པར་ནང་ཡིག་ཆའི་གསང་བ་ཉར་ཚད་དང་སྐྱོན་ཆ་ཡོད་མེད་ཚོད་ལྟའི་ཆེད་དུའང་རུ་ཊིང་བྱེད། མི་མང་པོས་རུ་ཊིང་བྱེད་ནས་རང་ཉིད་ཀྱི་ཁ་པར་ནང་རཱོམ་གསར་པ་ དེ་འདྲ་གསུབ་འཇུག་བྱེད་ཀྱི་ཡོད། ཀོ་ས་ཊོམ་རཱོམ་ (custom ROM) ཟེར་བ་ནི་དཔེར་ན་རང་ཉིད་ཀྱི་གློག་ཀླད་ནང་ཝིན་ཌོ་xp བླུགས་པའམ། ཝིན་ཌོ་༧ ཡང་ན་ཝིན་ཌོ་༨ གང་རུང་གང་འདོད་ལྟར་བླུགས་རྒྱུ་ཡོད་པ་ལྟར། ཀོ་ས་ཊོམ་རཱོམ་ལ་ཡང་ཨན་ཌོའི་ཐོན་རིམ་འདྲ་མིན་དང་། ཨན་ཌོ་གསར་བཟོ་བྱེད་པ་དེ་འདྲ་རང་ཉིད་ཀྱི་ཁ་པར་ནང་འཇུག་རྒྱུ་ཡོད་པ་བཟོ་བ་ལ་གོ། གོང་དུ་བཤད་པ་དེ་དག་ནི་རུ་ཊིང་བྱེད་ནས་སྤྱོད་གང་ཡོད་མེད་ཀྱི་དཔེ་མཚོན་ཁ་ཤས་ཡིན་དེ་མིན་གྱི་བེད་སྤྱོད་བརྒྱ་ཕྲག་ལྷག་ཡོད།

གློག་ཀླད་ལྟ་བུ་ཞིག་ལ་མཚོན་ན་དེའི་ནང་མཉེན་ཆས་གསར་འཇུག་དང་དེ་བཞིན་གློག་ཀླད་ཀྱི་བཀོད་སྒྲིག་ལ་འགྱུར་བ་བཏང་དགོས་ན་སྐབས་རེ་གཙོ་སྐྱོང་པའི་(Administrator) དབང་ཆ་དགོས་པ་ལྟར། ཁ་པར་ཞིག་ལ་རུ་ཊིང་བྱེད་ཟེར་ན་ཁ་པར་གྱི་བཀོད་སྒྲིག་ལ་འགྱུར་བཅོས་བཏང་ཐུབ་པའི་དབང་ཆ་ཆ་ཚང་རགས་ཐབ་བྱེད་པ་ལྟ་བུ་ཡིན།
མཆན།