སྔར་གནས་ད་བར་གློག་ཀླད་དང་དྲ་རྒྱའི་ཐོག་ཡོད་པའི་པར་ཕལ་ཆེ་བ་ཚད་གཞི་གཙོ་བོ་གཙུམ་གྱི་འཛིན་ཡོད། དེ་དག་ནི་ JPG དང་ PNG , GIF གསུམ་ཡིན། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༣༠ ཉིན་གུ་གུལ་གྱིས་ WebP ཞེས་པའི་པར་གྱི་ཚད་གཞི་གསར་པ་ཞིག་སྤེལ་ཡོད། WebP ནི་ཚད་ལྡན་གློག་བརྙན་ཡིག་ཆའི་ཚད་གཞི་ WebM ནས་བྱུང་བ་ཞིག་ཡིན་པ་དང་། WebM གྱིས་གློག་བརྙན་སྤུས་ཚད་མཐོ་པོ་རྣམས་ཡིག་ཆ་ཆུང་ཆུང་གི་ཚད་དུ་ཉར་ཐུབ་པའི་ཁྱད་ཆོས་ལེགས་ཤོས་སུ་ངོས་ལེན་བྱེད་ཀྱི་ཡོད། དེར་བརྟེན་གུ་གུལ་གྱིས་ WebM གྱིས་གློག་བརྙན་རྣམས་ཡིག་ཆ་ཆུང་ཆུང་ནང་ཉར་ཚགས་བྱེད་ཐུབ་པ་ལྟར་ WebP གྱིས་ཀྱང་སྔར་རྒྱུན་སྤྱོད་བཞིན་པའི་པར་གྱི་ཚད་གཞི་ JGP, PNG, GIF གསུམ་གའི་ཁྱད་ཆོས་ཚང་བའི་ཁར་དེ་ལས་ལྷག་པ་ཞིག་བཟོས་ཟིན་། མ་འོངས་པར་གྱི་ཚད་གཞི་ WebP ཟེར་བ་གཅིག་རང་གིས་འགྲིགས་པ་བཟོ་བའི་ལས་གཞི་བརྩམས་ཡོད།

སྔར་གནས་ད་བར་གློག་ཀླད་དང་དྲ་རྒྱའི་ཐོག་ཡོད་པའི་པར་ཕལ་ཆེ་བ་ཚད་གཞི་གཙོ་བོ་གསུམ་གྱི་འཛིན་ཡོད། དེ་དག་ནི་ JPG དང་ PNG , GIF བཅས་ཡིན། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༣༠ ཉིན་གུ་གུལ་གྱིས་ WebP ཞེས་པའི་པར་གྱི་ཚད་གཞི་གསར་པ་ཞིག་སྤེལ་ཡོད། WebP ནི་ཚད་ལྡན་གློག་བརྙན་ཡིག་ཆའི་ཚད་གཞི་ WebM ནས་བྱུང་བ་ཞིག་ཡིན་པ་དང་། WebM གྱིས་གློག་བརྙན་སྤུས་ཚད་མཐོ་པོ་རྣམས་ཡིག་ཆ་ཆུང་ཆུང་གི་ཚད་དུ་ཉར་ཐུབ་པའི་ཁྱད་ཆོས་ལེགས་ཤོས་སུ་ངོས་ལེན་བྱེད་ཀྱི་ཡོད། དེར་བརྟེན་གུ་གུལ་གྱིས་ WebM གྱིས་གློག་བརྙན་རྣམས་ཡིག་ཆ་ཆུང་ཆུང་ནང་ཉར་ཚགས་བྱེད་ཐུབ་པ་ལྟར་ WebP གྱིས་ཀྱང་སྔར་རྒྱུན་སྤྱོད་བཞིན་པའི་པར་གྱི་ཚད་གཞི་ JGP, PNG, GIF གསུམ་གའི་ཁྱད་ཆོས་ཚང་བའི་ཁར་དེ་ལས་ལྷག་པ་ཞིག་གསར་གཏོད་བྱས་པ་ཞིག་ཡིན། མ་འོངས་པར་པར་གྱི་ཚད་གཞི་ཚང་མ་ WebP ཟེར་བ་གཅིག་གིས་འཚབ་བྱེད་ཐུབ་པའི་དམིགས་ཡུལ་འཛིན་ཡོད།
WebP ཞེས་པ་ནི་ JPG དང་ PNG, GIF ལྟར་འདྲ་པར་ཉར་ཚགས་བྱེད་པའི་ཡིག་ཆའི་ཚད་གཞི་ཞིག་ཡིན།གནས་ཚུལ་ཤེས་གསལ་ལྟར་ན་གུ་གུལ་གྱིས་རང་ཉིད་ཀྱི་གློག་ཀླད་ཨ་མའི་ནང་གི་པར་ཡོད་དོ་ཅོག་ WebP ཡིག་ཆའི་ཐོག་བསྒྱུར་མ་ཐག་སྲ་སྡེར་གྱི་སྟོང་ཆ་མངོན་གསལ་དོད་པོས་མང་དུ་སོང་བ་སྤྱི་གྲགས་བྱས་ཡོད། དེ་བཞིན་སྤྱི་ཚོགས་དྲ་ཚིགས་སྐད་གྲགས་ཅན་ Facebook གྱིས་ཀྱང་དེ་ལྟའི་བསྒྱུར་བཅོས་བྱེད་བཞིན་ཡོད་པ་དང་། ངོ་དེབ་ཀྱི་པར་ཆ་ཚང་ WebP ཚད་ལྡན་དུ་བསྒྱུར་འགོ་བཙུགས་ཡོད་ཟེར།
ཉིན་ཤས་སྔོན་གུས་པས་ WebP ཟེར་བའི་པར་གྱི་ཚད་གཞི་གསར་པ་དེར་ཉམས་ཞིབ་ཏོག་ཙམ་བྱེད་པའི་རྒྱུད་ངའི་ཤེས་གསལ་ལ།
༡༽ WebP ནི་དངོས་གནས་སྔར་རྒྱུན་གྱི་ JPG , PNG, GIF གསུམ་ལས་ལེགས་པ་དང་། པར་གྱི་སྤུས་ཀ་མ་བརླག་པར་ཡིག་ཆ་བརྒྱ་ ༣༠ ནས་ ༤༠ བར་ཆུང་དུ་གཏོང་ཐུབ་ཀྱི་འདུག །དཔེར་ན་ངས་ slider.jpg=890kB ཞིག་ WebP ནང་བསྒྱུར་ནས་བལྟ་སྐབས་ཡིག་ཆའི་ཚད་ནི་ slider.webp=650kB ཆགས། དེ་ནི་ཧ་ལས་དགོས་པའི་ཡག་པོ་ཞིག་ཡིན། གལ་ཏེ་དྲ་ཚིགས་ཞིག་གི་ཐོག་པར་ 890kB འཚབ་ཏུ་ 650kB འཇོག་ཐུབ་ན་རང་ཉིད་ཀྱི་དྲ་ཚིགས་ཁ་ཕྱེ་མགྱོགས་སུ་འགྲོ་རྒྱུ་ཉག་ཅིག་རེད། བཤད་སྟངས་གཞན་ཞིག་ནི་ 4GB ཅན་གྱི་མཐེབ་སྡེར་(Pendrive) ཞིག་གི་ནང་དུས་རྒྱུན་འདྲ་པར་ (jpg ཅན་གྱི་པར་) ༡༠༠༠ ཙམ་ལས་བཤོང་གི་མེད་ན། ད་ལྟ་པར་དེ་དག་ webp ཐོག་བསྒྱུར་ནས་པར་ ༡༤༠༠ ལྷག་བླུགས་ཐུབ་པའི་དོན་ཡིན།
![]() |
PNG དང་ WebP གཉིས་དོ་བསྡུར་བྱེད་པའི་དཔེ་མཚོན། |
![]() |
JPG དང་ WebP གཉིས་དོ་བསྡུར་བྱེད་པའི་དཔེ་མཚོན། |
WebP སྟོན་ཐུབ་མཁན་ནི་ད་ལྟ་དྲ་མྱུལ་མཉེན་ཆས་
- Chrome v23 ཡན་དང་
- Opera v12 ཡན་
- Android Browser v4.2 ཡན་
- Opera Mobile v11 ཡན་
- Chrome for Android v32 ཡན་མ་ཏོག་མེད།
WebP སྐོར་གྱི་གསར་འགྱུར་དང་གནས་ཚུལ་རྒྱས་པ་གཟིགས་འདོད་ན་དྲ་བྱང་འདིར་གཟིགས། http://goo.gl/brIlB0
མཆན།