ཚོད་ལྟ་དང་དྲ་མྱུལ་མང་པོ་ཞིག་བྱས་པའི་རྗེས་གུས་པའི་ཟིན་བྲིས་ཐོག་མཆན་བཀོད་ས་དེ་མཛེས་བཟོ་ཏོག་ཙམ་བྱས་ཐུབ་སོང་། རིག་པ་གཅིག་རྙེད་དུས་དེ་གའི་ཐོག་དེ་ལས་ལྷག་པ་བཟོ་རྒྱུའི་བསམ་བློ་ཡང་འཁོར་ཡོང་གི་འདུག །གལ་ཏེ་ཁྱེད་རང་ལ་བྷོ་ལོག་ཟིན་བྲིས་(blog) ཡོད་ན་རང་ཉིད་ཀྱི་མཆན་བཀོད་ས་དེ་སྙིང་རྗེ་མོ་བཟོ་སྟངས་ཀྱི་ཐབས་ཤེས་ལས་ལྷ་པོ་ཞིག་ངོ་སྤྲོད་བྱེད་འདོད་བྱུང་། འགྲོ་སྟངས་གཤམ་གསལ་ལྟར་ཡིན།

༡༽ རང་ཉིད་ཀྱི་ blogspot རྒྱབ་ལྗོངས་ནས་ Template ཆིག་སྡེབས་བྱས། གཡས་ཕྱོགས་ལ་དྲ་རྒྱའི་རྟགས་མཐོང་ངེས་ Customize ལ་གནོན།


.comment-form iframe{ background:#ffffff url(IMAGE_URL) repeat; border:1px solid #ddd; border-radius:6px; -moz-border-radius:6px; -webkit-border-radius:6px; box-shadow: 5px 5px 5px #CCCCCC; padding:5px; font:normal 22pt "Microsoft Himalaya"; color:#2F97FF; width:560px; height:213px !important; } .comment-form a{ color:#fff; } .comment-replybox-thread iframe{ background:#ffffff url(IMAGE_URL) repeat; border:1px solid #ddd; border-radius:6px; -moz-border-radius:6px; -webkit-border-radius:6px; box-shadow: 5px 5px 5px #CCCCCC; font:sondafont; font-size:24px; color:#2F97FF; }༣༽ གོང་གི་ CSS code ནང་ IMAGE_URL ནི་མཆན་འདེབས་སའི་རྒྱབ་ལྗོངས་ལ་བཞག་རྒྱུའི་འདྲ་དཔར་གྱི་མིང་ངམ་དྲ་ཐག་ URL ཡིན་པས་ཁྱེད་ཀྱི་འདོད་མོས་ལྟར་དཔར་གང་ཞིག་བཞག་ཀྱང་འགྲིགས། དཔེར་ན། http://bglabs.evade.netdna-cdn.com/45875kli90/178.gif ལྟ་བུ། གུས་པས་རྒྱབ་ལྗོངས་ཀྱི་བཟོ་བཀོད་ཆེད་དཔར་ཕལ་ཆེ་བ་དྲ་ཚིགས་ www.backgroundlabs.com ནས་ལེན་པ་ཡིན། དེ་བཞིན་དུ་ཡིག་གཟུགས་དང་མཚོན་མདོག་དཀྱུས་དང་ཞེང་གི་རིང་ཚད་སོགས་འོས་འཚམས་ཀྱིས་ CSS code ནང་ལ་འགྱུར་བ་བཏང་ན་འགྲིགས།
༤༽ དེ་ནས་མཐའ་མ་དེར་ Apply to Change ལ་གནོན།

མཆན།