འཐེབ་སྡེར་(pen drive)ནང་ཁྱེད་ཀྱིས་ཡིག་ཆ་དང་། པར། གློག་བརྙན། གཞས་ཙམ་དུ་མ་ཟད་དགོས་མཁོའི་མཉེན་ཆས་ཀྱང་བླུགས་རྒྱུ་ཡོད། མཉེན་ཆས་གང་ཞིག་རྩིས་འཁོར་ནང་ནང་འཇུག་བྱེད་མི་དགོས་པར་ཐད་ཀར་རང་ཉིད་ཀྱི་འཐེབ་སྡེར་ནས་ཁ་འབྱེད་ཐུབ་པ་རྣམས་ལ་སྟབས་བདེའི་མཉེན་ཆས་སམ་དབྱིན་སྐད་དུ་ portable apps ཟེར།
འཐེབ་སྡེར་(pen drive)ནང་ཁྱེད་ཀྱིས་ཡིག་ཆ་དང་། པར། གློག་བརྙན། གཞས་ཙམ་དུ་མ་ཟད་དགོས་མཁོའི་མཉེན་ཆས་ཀྱང་བླུགས་རྒྱུ་ཡོད། མཉེན་ཆས་གང་ཞིག་རྩིས་འཁོར་ནང་ནང་འཇུག་བྱེད་མི་དགོས་པར་ཐད་ཀར་རང་ཉིད་ཀྱི་འཐེབ་སྡེར་ནས་ཁ་འབྱེད་ཐུབ་པ་རྣམས་ལ་སྟབས་བདེའི་མཉེན་ཆས་སམ་དབྱིན་སྐད་དུ་ portable apps ཟེར། སྟབས་བདེའི་མཉེན་ཆས་ནི་ལོ་ངོ་མང་པོའི་སྔོན་ནས་ཐོན་ཡོད་ཀྱང་དེ་དུས་མཉེན་ཆས་གྲངས་ཧ་ཅང་ཉུང་ལ་ཡོད་པ་རྣམས་ཀྱང་ནུས་ཤུགས་ཆེན་པོ་མེད། འོན་ཀྱང་ད་ཆ་ལོ་མང་གི་ཚོད་ལྟ་དང་བཟོ་སྒྲིག་གྱི་ཉམས་མྱོང་རྒྱུད་ཚོགས་སྒེར་མང་པོས་སྟབས་བདེའི་མཉེན་ཆས་གྲངས་ལས་འདས་པ་ཉིན་རེ་བཞིན་དྲྭ་ཐོག་སྤེལ་བཞིན་མཆིས། མི་མང་པོས་སྟབས་བདེ་མཉེན་ཆས་ཀྱི་དགེ་ཚན་མཐོང་བ་མ་ཟད་མེད་ཐབས་མེད་པའང་འགྱུར་ཡོད། གལ་ཏེ་ཁྱེད་ཀྱིས་སྟབས་བདེའི་མཉེན་ཆས་སྤྱོད་མ་མྱོང་ན་ད་རེས་ཚོད་ལྟ་ཞིག་མི་བྱེད་དམ། སྟབས་བདེའི་མཉེན་ཆས་ཕལ་ཆེ་བ་རིན་མེད་ཐོག་ཕབས་ལེན་དང་བེད་སྤྱོད་བྱེད་མཆོག །དེ་བས་ཀྱང་དགའ་འོས་པ་ནི་ཚོང་རའི་ཐོག་ཆེས་རྒྱུགས་ཆེ་བའི་མཉེན་ཆས་རིགས་སུ་འགྱུར་བ་རྣམས་སྟབས་བདེའི་མཉེན་ཆས་སུ་བཀོད་ཐུབ་པ་བྱུང་ཡོད།
གཤམ་དུ་དགོས་མཁོ་ཆེ་བའི་སྟབས་བདེའི་མཉེན་ཆས་དེ་དག་ཕབས་ལེན་བྱེད་རྒྱུ་ཡོད།
Microsoft Office2007 Portable
Adobe Photoshop CS6 (32bit)
Adobe Photoshop CS6 (64bit)
Adobe Indesign CS6 (32bit)
Adobe Indesign CS6 (64bit)
Nero CD-Burner 12
VLC Media Player 1.2
Virtual Box
TeamViewer
Snagit
Google Chrome
Mozialla Firefox 18







མཆན།