རྩོད་རྙོག་ཅན་གྱི་གསར་འགྱུར་དེ་གས་མཻ་གྷའི་MEGAསྤྲིན་སྡེར་ཞབས་ཞུའི་ཐོག་བཞུགས་མཁན་ལྡབ་འགྱུར་གྱིས་མང་བ་ཕྱིན་པ་དང་། དྲྭ་རྒྱའི་འཚང་ག་བཟོ་མཁན་བརྒྱ་ཆ་5%ཟིན་གྱི་ཡོད་འདུག

རྩོད་རྙོག་ཅན་གྱི་གསར་འགྱུར་དེ་གས་མཻ་གྷའི་MEGAསྤྲིན་སྡེར་ཞབས་ཞུའི་ཐོག་བཞུགས་མཁན་ལྡབ་འགྱུར་གྱིས་མང་བ་ཕྱིན་པ་དང་། དྲྭ་རྒྱའི་འཚང་ག་བཟོ་མཁན་བརྒྱ་ཆ་5%ཟིན་གྱི་ཡོད་འདུག
སྤྱིར་བཏང་སྤྲིན་སྡེར་ཞབས་ཞུ་མང་དག་ཞིག་སྔོན་ནས་ཡོད་ནའང་ ( དཔེར་ན། Google Drive དང་། DropBox, 4shared.com, www.ge.tt, Microsoft SkyDrive) མཻ་གྷའི་སྤྲིན་སྡེར་ཞབས་ཞུ་གསར་པ་དེ་ལ་་་
༡༽ དེབ་སྐྱེལ་བྱེད་ན་རིན་མེད་ཐོག་50GBཅན་གྱི་སྲ་སྡེར་སྟོང་ཆ་ཡོད་པ་དང་།
༢༽ ཡིག་ཆ་འཇོག་ཐེངས་གཅིག་ལ་ཚད་གཞི་མེད། དེ་འདྲ་ཡིན་དུས་ཆུ་ཚོད་གསུམ་བཞི་ཅན་གྱི་གློག་བརྙན་རིགས་ཆ་ཚང་འཇོག་ཐུབ་པ།
༣༽ཡིག་ཆ་ཆ་ཚང་གསང་ཡིག་དམ་པོ་ཡོད་པས་མཆོག་འཆན་མེད་པར་གཞན་གྱིས་བལྟ་ཀློག་བྱེད་མི་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། དྲ་གནས་ནི། www.mega.co.nz
མཆན།