ང་རང་ལོ་དྲུག་ལ་སླེབས་པའི་སྐབས་ངས་དཔར་ཧང་སང་དགོས་པ་ཞིག་ <<རང་བྱུང་ཁམས་ཀྱི་དངོས་བྱུང་གི་ལོ་རྒྱུས་>> ཞེས་པའི་དེབ་གཅིག་གི་ནང་མཐོང་མྱོང་། དེབ་དེའི་ནང་གདོད་མའི་ནགས་གསེབ་ཀྱི་ལོ་རྒྱུས་དང་། སྦྲུལ་ཆེན་གྱིས་སེམས་ཅན་གཞན་ཇི་ལྟར་ཁྱུར་མིད་བཏང་བའི་སྐོར་འཁོད་འདུག ཁྱེད་རང་གིས་འོག་དེར་གཟིགས་བཞིན་པའི་དཔར་དེ་རེད།
ང་རང་ལོ་དྲུག་ལ་སླེབས་པའི་སྐབས་ངས་དཔར་ཧང་སང་དགོས་པ་ཞིག་
<<རང་བྱུང་ཁམས་ཀྱི་དངོས་བྱུང་གི་ལོ་རྒྱུས་>>
ཞེས་པའི་དེབ་གཅིག་གི་ནང་མཐོང་མྱོང་།
དེབ་དེའི་ནང་གདོད་མའི་ནགས་གསེབ་ཀྱི་ལོ་རྒྱུས་དང་།
སྦྲུལ་ཆེན་གྱིས་སེམས་ཅན་གཞན་ཇི་ལྟར་ཁྱུར་མིད་བཏང་བའི་སྐོར་འཁོད་འདུག ཁྱེད་རང་གིས་འོག་དེར་གཟིགས་བཞིན་པའི་དཔར་དེ་རེད།
དེབ་དེའི་ནང་ “སྦྲུལ་ཆེན་གྱིས་སེམས་ཅན་གཞན་ཟིན་པའི་རྗེས། སེམས་ཅན་དེའི་ལུས་པོ་ཡོངས་རྫོགས་མིད་ཁྱུར་བཏང་བཞག་པ་ལས་སོ་བརྒྱག་གི་མེད།
དེ་རྗེས་སྦྲུལ་ཆེན་རང་ཉིད་འགུལ་མི་ཐུབ་པ་དང། ཟླ་བ་དྲུག་ལྷག་རིང་གཉིད་འཁུག་ནས་ཁོག་པའི་ནང་གི་ཟས་དེ་འཇུ་ཡི་ཡོད་”
ཅེས་བཀོད་འདུག
ད་དུང་དེབ་དེ་མུ་མཐུད་ནས་ཀློག་ནས་ནགས་གསེབ་ཀྱི་ལོ་རྒྱུས་ནང་རང་སེམས་རྦེད་དེར་བཞུགས་པ་ཡིན།
དེའི་རྗེས་སྨྱུ་གུ་མཚོན་ཁྲ་ཅན་ཞིག་བཏོན་ནས་ངས་རི་མོ་དང་པོ་དེ་བྲིས་པ་ཡིན། ངའི་རི་མོ་དང་པོ་དེ་འོག་ཏུ་བྲིས་ཡིན།
ངས་ཕུལ་བྱུང་གི་རི་མོ་དེ་མི་རྒན་པ་ཁ་ཤས་ལ་བསྟན་ནས་ཁོ་ཚོ་བླ་ཁྱེར་དགོས་པ་བཟོ་ཐུབ་མིན་བལྟས་པ་ཡིན།
འོན་ཀྱང་ཁོ་ཚོས་ “ཞེད་ཀྱི་འདུག་གས་ཨས། ཞྭ་མོ་གཅིག་ལ་ག་རེ་ཞེད་དགོས་པ་རེད། ཧེ” ཟེར་སོང།
ངའི་རི་མོ་ནི་ཞྭ་མོ་གཅིག་ག་ལ་ཡིན།
དེ་ནི་སྦྲུལ་ཆེན་ཞིག་གི་རི་མོ་ཡིན་པ་དང། ད་ལྟ་སྦྲུལ་ཆེན་དེས་གླང་ཆེན་ཞིག་འཁོག་པའི་ནང་བཙོ་སྦྱངས་བྱེད་ཀྱི་ཡོད་པ་རེད།
མི་རྒན་པ་དེ་ཚོས་དེ་རྟོགས་ཆེད་ངས་སྦྲུལ་ཆེན་གྱི་ཁོག་པའི་ནང་ངོས་ལ་གང་ཡོད་མེད་གསལ་པོ་བྲིས་པ་ཡིན།
མི་རྒན་པ་དེ་ཚོ་ལ་རྟག་པར་འགྲེལ་བཤད་རྒྱབ་དགོས་ཀྱི་འདུག ངས་བྲིས་པའི་རི་མོ་ཨང་གཉིས་པ་དེ་འདྲ་ཆགས་སོང།
ད་
རེས་མི་རྒན་པ་དེ་ཚོས་ངའི་རི་མོར་སྣང་འཇོག་མེད་ཁར།
སྦྲུལ་ཆེན་གྱི་ཕྱི་ལོག་ཡིན་ནའི་འདྲ་སྦྲུལ་ཆེན་གྱི་ནང་ལོག་ཡིན་ནའི་འདྲ་གང་
ལྟར་ས་ཁམས་རིག་པའམ་རྒྱལ་རབས།
རྩིས། བརྡ་དག་སོགས་ལ་སྦྱངས་བརྩོན་བྱས་ན་བཟང་ཞེས་སློབ་སྟོན་གནང་གིས།
དེར་བརྟེན་རླབས་ཆེ་བའི་རི་མོའི་མདུན་ལམ་དེ་ང་རང་ལོ་དྲུག་ཡིན་སྐབས་བསྐྱུར་
དགོས་བྱུང།
ངའི་རི་མོ་དང་པོ་དང་གཉིས་པས་དོན་ཕན་ལྡན་པའི་འབྲས་བུ་མ་བྱུང་བས་སེམས་ལྷག་པར་
དུ་ཞུམ་སོང།
མི་རྒན་པ་ཚང་མ་གོ་ཚོད་ཀྱི་མི་འདུག
ཕྲུ་གུ་ཚོར་ཆ་མཚོན་ན་ཧ་ཅང་དཀའ་ལས་རེད་འདུག
རྟག་པར་གནད་དོན་གང་ཡིན་ལ་འགྲེལ་བཤད་བརྒྱབ་དགོས་ཀྱི་འདུག
བྱས་
ཙང་ངས་ལས་རིགས་གཞན་ཞིག་འདེམས་པ་ཡིན། ངས་གནམ་གྲུ་བཏང་སྟངས་སྦྱངས་པ་ཡིན།
ལུང་པ་ཁ་ཤས་མ་གཏོགས་གཞན་འཛམ་གླིང་གི་ཡུལ་གྲུ་ཚང་མའི་ནང་ཕྱིན་པ་ཡིན།
ས་ཁམས་རིག་པས་ཧ་ཅང་ཕན་ཐོགས་བྱུང།
མིག་བལྟས་པ་ཙམ་གྱིས་རྒྱ་ནག་དང་ཨེ་རི་ཛྷོ་ཎ་གཉིས་དབྱེ་བ་ཆོད་ཐུབ་ཀྱི་འདུག
གལ་ཏེ་མཚན་མོ་སོ་སོ་ལམ་བརླག་པ་ཡིན་ནའང་ཤེས་བྱ་དེ་ཚོས་ཕན་ཐོགས་ཏན་ཏན་འདུག
མི་ཚེའི་ལམ་བུ་དེའི་ཐོག་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་གྲགས་ཅན་མི་སྣ་མང་པོ་ཞིག་དང་ག་ཐུག་རྒྱབ་མྱོང་བ་དང།
དུས་ཡུན་ཕལ་ཆེ་བ་མི་རྒན་པ་ཤ་སྟག་དང་བཤིབས་དགོས་པ་རེད། ཁོང་ཚོ་ནི་ངོ་ཤེས་པ་དང་ལས་ཀའི་གཡས་གཡོན་དུ་ཡོད་ཡོད་པ་ལྟ་བུ་རེད།
དེར་བརྟེན་ཁོང་ཚོར་འཛིན་པའི་བསམ་ཚུལ་དམིགས་བསལ་གང་ཡང་མི་འདུག
སྐབས་རེ་མི་དེ་དག་གི་ཁྲོད་ལས་བློ་རིག་བཀྲ་བའི་མི་རི་ཟུང་འཕྲད་སྐབས།
ངས་ཚོད་ལྟའི་ཆེད་ང་རང་གིས་ཉར་ཚགས་བྱེད་པའི་རི་མོ་དང་པོ་དེ་སྟོན་གྱི་ཡོད། དེ་སྟོན་ཏེ་མི་དེས་དེ་གང་ཡིན་པ་ཤེས་ཐུབ་མིན་དང།
མི་དེ་དངོས་གནས་གོ་ཚོད་མཁན་ཞིག་ཡིན་མིན་དཔྱད་ཀྱི་ཡོད། གང་ལྟར་སྐྱེས་པ་ཕོ་མོ་སུ་ཡིན་ནའི་འདྲ།
ཚང་མས་ “དེ་ཞྭ་མོ་ཞིག་རེད་” ཅེས་ཟེར་གྱིས།
དེའི་
རྗེས་ནས་མི་དེ་ལ་ངས་སྦྲུལ་ཆེན་དང། གདོད་མའི་ཤིང་ནགས་ཀྱི་གསང་གཏམ།
སྐར་མ་སོགས་ཀྱི་སྐོར་གཅིག་ཀྱང་མ་ཤད་པར།
མི་དེའི་གནས་ཚད་ལ་འབབ་སྟེ་ཟམ་པའི་སྐོར་རམ། གྷོལ་པུ།(golf)
ཆབ་སྲིད། སྐེ་བཏགས། (neck ties) སོགས་ཀྱི་ཐོག་སྐད་ཆ་བཤད་ཀྱི་ཡོད།
དེ་ལྟར་བྱས་དུས་མི་རྒན་པ་དེ་ཚོས་དོན་ལྡན་གྱི་མི་ཞིག་འཕྲད་པ་ལྟ་བུས་ཧ་ཅང་
དགའ་སྣང་སྟོན་གྱི་འདུག
མཆན།